巡视公告
- 索引号:gjxw/2025-00001
- 发文字号:
- 发文机构:噶尔县县委办
- 名 称:巡视公告
- 公文时效:
- 发布日期:2025-04-27
巡视公告
根据十届自治区党委第七轮巡视工作安排,自治区党委第二巡视组自2025年4月27日至6月20日对噶尔县开展巡视。
根据《中国共产党巡视工作条例》规定,自治区党委巡视组监督的主要内容是:按照政治巡视要求,重点检查落实党的理论和路线方针政策、党中央重大决策和自治区党委工作安排情况,落实全面从严治党战略部署情况,落实新时代党的组织路线情况,落实巡视整改和成果运用情况,聚焦噶尔县领导班子和领导干部,深入查找贯彻落实中的责任问题、腐败问题、作风问题,查找形式主义、官僚主义突出问题,查找与群众利益密切相关的痛点难点问题,推动解决制约改革发展稳定的普遍性、共性问题和深层次问题。
信访受理范围:反映噶尔县领导班子及其成员特别是主要负责人,下一级主要负责人以及重要岗位领导干部问题的来信来电来访,重点是关于违反政治纪律、中央八项规定及其实施细则精神、组织纪律、廉洁纪律、群众纪律、工作纪律和生活纪律等问题反映。其他不属于巡视受理范围的问题反映,将按规定交由相关部门处理。
巡视期间,巡视组设专门电话:0897—2667899,邮政信箱:阿里地区噶尔县0009号。同时,在县委政府办公楼门口、县便民服务中心门口、狮泉河镇人民政府门口、县综治中心门口、康乐新居社区广场南面让森照相馆门口、百益超市门口等设立巡视组信箱。
巡视组受理时间:每日上午10:00—13:00,下午16:00—19:00,受理信访截止时间:6月15日。
欢迎广大党员、干部、群众来信、来电、来访,反映问题、提供线索。
特此公告
西藏自治区党委第二巡视组
2025年4月27日
སྐོར་གཟིགས་སྤྱི་བསྒྲགས།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་བདུན་པའི་སྐོར་གཟིགས་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་གཉིས་པས་ 2025ལོའི་ཟླ་4ཚེས་27ནས་ཟླ་6ཚེས་20ཉིན་བར་སྒར་རྫོང་ལ་སྐོར་གཟིགས་བྱ་རྒྱུ་ཡིན།
《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་གཟིགས་ལས་དོན་སྲོལ་ཡིག》གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་གིས་ལྟ་སྐུལ་བྱ་རྒྱུའི་ནང་དོན་གཙོ་བོ་ནི། ཆབ་སྲིད་སྐོར་གཟིགས་ཀྱི་བླང་བྱ་ལྟར། ཏང་གི་རིགས་གཞུང་། ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས། ཏང་ཀྲུང་དབྱང་གི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་བྱས་ཚུལ། སྐོར་གཟིགས་བྱས་ནས་བཅོས་སྒྲིག་དང་གྲུབ་འབྲས་དངོས་སྒྱུར་བྱས་ཚུལ་བཅས་ལ་གཙོ་གནད་དུ་ཞིབ་བཤེར་བྱ་རྒྱུ་དང་། སྒར་རྫོང་གི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་དམིགས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲོད་ཀྱི་འགན་འཁྲིའི་གནད་དོན་དང་། རུལ་སུངས་ཀྱི་གནད་དོན། སྤྱོད་ཚུལ་གྱི་གནད་དོན་བཅས་དང་། དེ་བཞིན་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་གསལ་ཆེ་བའི་གནད་དོན། མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་འགག་གནད་དང་དཀའ་གནད་བཅས་བཙལ་འཚོལ་གཏིང་ཟབ་བྱས་ནས་བསྒྱུར་འཕེལ་བརྟན་གསུམ་ལ་ཚོད་འཛིན་ཐེབས་པའི་ཡོངས་ཁྱབ་རང་བཞིན་དང་། ཐུན་མོང་རང་བཞིན། གདིང་རྩ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན།
ཡིག་འབུལ་ཞུ་བཅར་བདག་སྤྲོད་བྱེད་པའི་ཁྱབ་ཁོངས་ནི། སྒར་རྫོང་གི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི། ལྷག་པར་དུ་འགན་འཁུར་བ་གཙོ་བོ་དང་། རིམ་པ་གཅིག་གིས་དམའ་བའི་འགན་འཁུར་བ་གཙོ་བོ། དེ་བཞིན་གལ་ཆེའི་ལས་གནས་ཐོག་གི་འགོ་ཁྲིད་ལས་བྱེད་པ་བཅས་ཀྱི་གནད་དོན་སྐོར་ཞུ་བའི་འཕྲིན་ཡིག་དང་། ཁ་པར། ངོ་བཅར་བཅས་དང་། གཙོ་གནད་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་དང་འགལ་བའི་གནད་དོན་སྐོར་ཞུ་རིགས་བདག་སྤྲོད་བྱ་རྒྱུ་དང་། སྐོར་གཟིགས་བདག་སྤྲོད་བྱེད་ཁོངས་སུ་མ་གཏོགས་པའི་གནད་དོན་གཞན་དག་རིགས་ཡིན་ཚེ་གཏན་འབེབས་གཞིར་བཟུང་འབྲེལ་ཡོད་སྡེ་ཚན་ལ་ཐག་གཅོད་བྱེད་པར་རྩིས་སྤྲོད་བྱ་རྒྱུ་ཡིན།
སྐོར་གཟིགས་བྱེད་པའི་རིང་། སྐོར་གཟིགས་ཚོགས་ཆུང་གི་ཆེད་བཙུགས་སྡོད་བྱའི་ཁ་པར་ནི་ 0897-2667899ཡིན་པ་དང་།སྦྲག་སྲིད་ཡིག་སྒམ་ནི་མངའ་རིས་ས་ཁུལ་སྒར་རྫོང་སྦྲག་སྲིད་ཡིག་སྒམ་ཨང་0009ཡིན། དེ་དང་དུས་མཚུངས་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་སྒོ་འགྲམ། དམངས་བདེ་ཞབས་ཞུའི་ལྟེ་གནས་ཀྱི་སྒོ་འགྲམ། སེང་གེ་ཁ་འབབ་གྲོང་རྡལ་མི་དམངས་སྲིད་གཞུང་གི་སྒོ་འགྲམ། རྫོང་ཕྱོགས་བསྡུས་ལྟེ་གནས་ཀྱི་སྒོ་འགྲམ། བདེ་སྐྱིད་ཁང་གསར་བདེ་ཁུལ་ཐང་ཆེན་གྱི་ལྷོ་ངོས་རབ་གསེལ་པར་ཁང་གི་སྒོ་འགྲམ། པའེ་དབྱི་རང་འདེམས་ཚོང་ཁང་གི་སྒོ་འགྲམ་སོགས་ལ་སྐོར་གཟིགས་ཚོགས་ཆུང་གི་འབྲེལ་གཏུག་ཡིག་སྒམ་འཛུགས་རྒྱུ་ཡིན།
སྐོར་གཟིགས་ཚོགས་ཆུང་གིས་བདག་སྤྲོད་བྱེད་པའི་དུས་ཚོད་ནི་ཉིན་རེའི་ཞོགས་པའི་ཆུ་ཚོད་10:00-13:00དང་། ཕྱི་དྲོའི་ཆུ་ཚོད་16:00-19:00བར་ཡིན། ཡིག་འབུལ་ཞུ་བཅར་བདག་སྤྲོད་བྱེད་མཚམས་འཇོག་པའི་དུས་ཚོད་ནི་ཟླ་6པའི་ཚེས་15ཉིན་ཡིན།
རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་འཕྲིན་ཡིག་དང་། ཁ་པར། ངོ་བཅར་བཅས་ཀྱི་ཐོག་ནས་གནད་དོན་ཞུ་བ་དང་ཁུངས་སྣེ་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
འདིར་དམིགས་སུ་སྤྱི་བསྒྲགས་སྤེལ་བ་ཡིན།
བོད་རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་གཉིས་པ་ནས།
2025ལོའི་ཟླ་4ཚེས་27ཉིན།